Starting 7th December 2022, which is full moon of 10th Month of Tibetan Calendar, launching “The SpotLight-བཅོ་ལྔའི་ཟླ་བ། featuring Virtual Pilgrimage-དྲ་ཐོག་གནས་མཇལ། of Theckchen Choeling Tsuglagkhang. Since, the Tibetan diaspora is spread over more than 25 countries around the world, one of the cohesive force to bind us together is taking full advantage of Digital Technology. Hence, the Tibet Museum building, curating and exhibiting Virtual Pilgrimage of all the important monasteries around India to give immersive walkthrough and take blessing of Pilgrim sites at the comfort of their home.
Also, the quizzes, information, videos and audio details at the important point explains the essence of the mural, statues and quotation. The interactive tour will drive more youngsters and international interest in our religion & cultural heritage.
Last but definitely not the least is to celebrate the restoration of key temple inside Tibet, which was destructed to ashes during the so called “Cultural Revolution” by CCP. The exile government primarily the visionary leadership by HHDL which brings the monastic education and its essence back in Exile and now the international diaspora understands and enjoy the true revive the ancient India thought back in India through Tibetan Monasteries and the Virtual Pilgrimage will definitely make this knowledge abundant not only outside Tibet but also inside Tibet, Tibetan and Chinese brother and sister can visit the holy sites by a click and take an immersive Virtual Pilgrimage.
བོད་ཀྱི་འགྲེམས་སྟོན་ཁང་ནས་བོད་ཟླ་ ༡༠ ཚེས་ ༡༥ སྟེ་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༧ ནས་ བཅོ་ལྔའི་ཟླ་བ། ཞེས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དབུ་འཛུགས་ཀྱིས་བོད་ཀྱི་དགོན་སྡེ་ཁག་ལ་དྲ་ཐོག་གནས་མཇལ། (Virtual Pilgrimage) གྱི་ལས་གཞི་གནང་རྒྱུ་ཡིན། ལས་གཞིའི་དམིགས་ཡུལ་གཙོ་བོ་ནི། བོད་ནང་རིག་གནས་གསར་བརྗེ་ཆེན་པོའིི་སྐབས་རྒྱ་ནག་དམར་གཞུང་གིས་བོད་མིའི་རྩ་ཆེའི་ཆོས་རིག་གི་ལྟེ་གནས་དགོན་ཁག་དྲུག་དྲུག་སྟོང་ལྷག་ཙམ་རྩ་མེད་བཏང་ཡོད་ཀྱང་། བཙན་བྱོལ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག་དགོན་པ་མང་པོ་ཞིག་བཙན་བྱོལ་ནང་སླར་གསོ་སྐྱར་བཞེངས་ཐུབ་པ་ཙམ་མ་ཟད་འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་ཡོད་པ་དེ་དག་རྒྱལ་ཁབ་ ༢༥ ལྷག་གི་ནང་ཁ་ཐོར་དུ་གནས་བཞིན་པའི་བཙན་བྱོལ་བོད་མི་རྣམས་ལ་དྲ་ཐོག་གནས་མཇལ་ཡོང་རྒྱུ།
རྒྱ་ནག་གཞུང་གིས་ཐབས་བྱུས་སྣ་ཚོགས་བརྒྱུད་བོད་བསྟན་སྲིད་མི་རིགས་ཀྱི་ལོ་རྒྱུས་གོམས་སྲོལ་དང་བཅས་པ་རྩ་མེད་བཏང་དང་གཏོང་མུས་ཐོག་རང་རེའི་མི་རབས་རྒན་པ་རྣམས་ཀྱང་རིམ་གཤེགས་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས་བཙན་བྱོལ་ནང་གི་མི་རབས་རྒན་པ་ཚོའི་ཞལ་རྒྱུན་དུ་གནས་པའི་དགོན་པའི་ལོ་རྒྱུས་ཁག་མ་འོངས་པའི་གཞོན་སྐྱེས་མི་རབས་ཚོས་ཤེས་རྟོགས་ཡོང་རྒྱུར་བཅར་འདྲི་དཔར་ལེན་ཞུས་ནས་ཉར་ཚགས་བྱ་རྒྱུ་སོགས་ཡིན།
...Less